Fujisan's Kyareng

Monday, December 24, 2012

Tibetan Youth Congress Executives in San Francisco

December 23, 2012, Sunday

རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་དྲུང་ཆེ་ཚེ་རིང་ཆོས་སྐྱིད་ལགས་འདི་ཟླའི་ཚེས་ ༢༤  ཉིན་ཨ་རི་ཀེ་ལི་ཕོ་ནིཡའི་མངའ་སྡེ་སེན་ཕེན་རན་སི་ཀོ་གནས་སྡོད་བོད་མི་ཁག་དང་མཇལ་འཕྲད་ཞུས་ཡོད། ཚོགས་གཞོན་དང་དྲུང་ཆེ་གཉིས་ནས་བོད་ཀྱི་གནས་དོན་དང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གྱི་གནས་འབབ་སྐོར་འགྲེལ་བཤད་གང་ལེགས་གནང་ཡོད། ཚོགས་གཞོན་གྱི་གསུང་གསལ། བོད་མི་ཚོ་ལ་ལས་འགན་གལ་ཆེ་གསུམ་ཡོད། དང་པོ་དེ་བོད་རང་བཙན་སླར་གསོ་ཡིན། གཉིས་པ་དེ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ཡིན། གསུམ་པ་མ་འོངས་བོད་ཀྱི་ཆེད་གྲ་སྒྲིག་བྱེད་རྒྱུ་དེ་ཡིན་གསུངས་ཏེ་དོན་མཚན་དེ་གསུམ་ཐོག་འགྲེལ་བཤད་རྒྱས་པོ་ཁུངས་འཕེར་གནང་ཡོད།  

ཁོང་གིས་བོད་རང་བཙན་དགོས་གལ་གྱི་འགྲེལ་བཤད་དོན་མཚན་གསུམ་ཐོག་གནང་ཡོད། དང་པོ་བོད་རང་བཙན་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་མིའི་ཐོབ་ཐང་ཡིན། གཉིས་པ་དེ་རྒྱ་དམར་འོག་མི་ལོ་དྲུག་བཅུ་ལྷག་བསྡད་ནས་བོད་མི་ཚོས་ཁྲག་དང་མིག་ཆུ་མ་གཏོགས་གང་ཡང་མཐོང་མེད། གསུམ་པ་དེ་རྒྱ་མི་མཉམ་དུ་སྡད་ནས་བོད་མི་ཚོ་ལ་ཕན་ཐོག་བྱུང་བ་གང་ཡང་བསྟན་རྒྱུ་མེད་ལ་མ་འོངས་ལའང་གང་ཡང་ཡོང་རེ་མེད། དེ་ཡིན་དུས་ང་ཚོས་རང་བཙན་རང་ལ་འབད་བརྩོན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་གསུངས།  

ཁོང་གིས་གསུངས་བཤད་ཀྱིས་མི་མང་ལ་སེམས་འགུལ་ཤུགས་ཆེ་ཐེབས་ཡོད་པ་དང་། མི་མང་ནས་སེམས་ཤུགས་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་མངོན་གསལ་བསྟོན་བ་དང་། རང་བཙན་དང་རང་དབང་། མ་འོངས་འཐབ་རྩོད། ད་ལྟ་བོད་ནང་འགྲོ་བཞིན་སྐུ་ལུས་མེར་བསྲེགས་བཏང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐོར་དྲི་བ་དྲི་ལན་དང་བགྲོ་གླེང་གཏིང་གཟབ་གནང་ཡོད།


San Francisco: Dhondup Lhadar, Vice President and Tenzin Chokyi, General Secretary of Tibetan Youth Congress [Centrex] met with the Tibetans in San Francisco Bay Area at Tibetan community hall in Richmond Anex on the day.  The two activists updated the Tibetans in the area on Tibetan issue and on the on-going self immolation acts in Tibet. Mr Lhadar reminded the Tibetans of three important duties that each Tibetan must fulfill, i.e. 1) Revival of Tibetan independence, 2) Preservation of Tibetan identity, and 3) Preparation for the future Tibet.

Mr. Lhadar talked about why Tibet needs independence, he stressed on three points: Tibet's independence is Tibetans' birth right due to the historical facts. Secondly, the sufferings that Tibetans have under gone since the Chinese occupation has clearly shown that Tibetans will never enjoy freedom under Chinese government. Thirdly, Tibetans have gained nothing by associating with the Chinese till date. “All these three points are clear indicaton of the fact that only solution to our problem is independence.” Said Mr. Lhadar.

Tibetan audience listened to the speeches of the two activists with great interest and attention. The talk was followed with vibrant question and answer session. The audiences were greatly inspired and thanked the Tibetan Youth Congress for all their effort in promoting the Tibetan issue and assured the visiting activists that the Tibetan people are behind them.   

 

No comments:

Post a Comment