Fujisan's Kyareng

Sunday, August 25, 2013

SPEAK IN PURE TIBETAN

བོད་སྐད་གཙང་མ་རྒྱོབ།
རྒྱུན་སྤྱོད་ཐ་སྙད་བོད་སྐད་གཙང་མིའི་ཐོག  དེ་ཡང་དང་པོ་དགེ་རྒན་དང་ཕ་མ་ནས།
Speak in pure Tibetan, this should start first from the teachers and the parents.
༢༠༡༣  ཟླ་  ༨  ཚེས་ ༢༥  རེ་གཟའ་ཉི་མ། སེན་ཕེ་རེན་སིས་ཀོ

ཨ་རི་བྱང་ཀལ་བོད་མིའི་ཉིན་སློབ་སློབ་གྲྭའི་ཚོགས་ཆུང་གི་ཚོགས་མི་གསར་རྙིང་དང་ངོ་སྤྲོད་སྐབས་སློབ་དགེ་ཞིག་གིས་བསམ་ཚུལ་བརྗོད་གསལ། དེ་རིང་འདིར་ངོ་ཚོ་ཚང་མས་བོད་ཡིག་གལ་ཆེ་ཡིན་ལུགས་དང་ཕྲུ་གུ་ཚོ་ལ་བོད་སྐད་གཙང་མ་རྒྱག་ཐབས་ཐོག་གྲོས་བསྡུར་དང་བགྲོ་གླེང་མང་པོ་གནང་ཡོད།  ཡིན་ནའང་ང་རང་ཚོ་རང་ནས་བོད་སྐད་ནང་དབྱིན་སྐད་དང་རྒྱ་སྐད་འདྲ་མིན་བསྲེས་ཏེ་རྒྱག་གི་འདུག  དེ་ང་ཚོས་དོ་སྣང་གནང་ཏེ་ཕྲུ་གུའི་མདུན་ལ་བོད་སྐད་ཀྱི་ཐ་སྙད་གཙང་མ་བེད་སྤྱོད་བྱེད་དགོས་གལ་མཐོང་གི་འདུག  དེ་རིང་གི་ཚོགས་འདུ་འདིའི་ཐོག་བོད་སྐད་མིན་པའི་ཐ་སྙད་མང་པོ་ཞིག་ཡོང་གི་འདུག

བོད་སྐད་ཡོད་བཞིན་དུ་ཕྱི་སྐད་བེད་སྤྱོད་བྱེད་ན་ཕྲུ་གུར་མིག་དཔེ་ཡག་པོ་ཡོང་གི་མི་འདུག  དཔེར་ན།
མདུན་ཕྲག་དང་གཟའ་འཁོར་ལ།  ང་ཚོས་ཧབ་ཏ་ཞེས་བེད་སྤྱོད་བྱེད་ཀྱི་འདུག  སྤྱི་ཚེས་དང་ཕྱི་ཚེས། ཚེས་གྲངས་ལ་ཏ་རི།  ཁ་པར་ལ་ཕོན།  ལས་འཆར་ལ་སེ་ཀེ་ཇུལ།  དང་བླངས་ལ་ཝོ་ལིན་ཀྲི་ཡར།  དུས་ཐོག་ལ་ཨོན་ཀྲ་ཡིམ།  གླིང་ཁ་ལ་པརྐ།  བར་སེང་ལ་བེ་རེ་ཀི  ཞལ་ཏོག་དང་ཁ་ཟས་ལ་སེ་ནེ་ཀི་སི།
སློབ་ཁྲིད་འཆར་གཞི་ལ་ལེ་སེན་པེ་ལེན།  འདུས་ཚོགས་ལ་ཨེ་སེམ་བེ་ལི་ཞེས་བེད་སྤྱོད་བྱེད་ཀྱི་འདུག 
རྒྱུན་སྤྱོད་ཐ་སྙད་འདི་དག་ང་ཚོ་དགེ་རྒན་དང་ཕ་མ་ཚོ་ཚང་མས་བོད་སྐད་གཙང་མའི་ཐོག་རྒྱག་ཐུབ་ན་ཡག་པོ་འདུག་ཞེས་རྒན་ལགས་ཤིག་གིས་གསུངས་པ་ལ་ཚང་མས་མོས་མཐུན་རྒྱབ་སྐྱོར་ཞུས་སོང་བ་ཀུན་གྱི་དོ་སྣང་བྱེད་དགོས་པ་ཚིག་ཐོར་བཀོད་པ་ལགས།

No comments:

Post a Comment