Fujisan's Kyareng

Friday, May 7, 2021

ཨ་མའི་ཉིན་མོར་ཨ་མའི་དྲན་གླུ །

An Ode to Mother on Mother's Day!


 ཨ་མ་དྲན་གླུ །

མ་ཁྱེད་ཀྱི་བྱམས་བརྩེའི་གཅེས་སྐྱོང་དེ།  བུ་ང་ཡིས་རྟག་ཏུ་དྲན་བཞིན་ཡོད།

ཁྱེད་རེ་རེ་དྲན་དུས་མིག་ཆུ་ཤོར།  ཁྱེད་མེད་ན་ང་གང་ཡང་མ་ཡིན་ནོ། །

དཀའ་སྡུག་དང་ངལ་རྩོལ་ཁྱེད་ཀྱིས་མྱངས།  བུ་ང་ལ་ཤེས་བྱའི་ལམ་བཟང་སྟོན།

དུས་ཀུན་ཏུ་བསླབ་སྟོན་བཀའ་དྲིན་ཆེ།  ཁྱེད་མེད་ན་ང་གང་ཡང་མ་ཡིན་ནོ། །

དཀར་གསལ་གྱི་ཟླ་བ་ནམ་ཤར་དུ།  མ་ཁྱེད་ཀྱི་བཞིན་རས་དྲན་ལྷང་ལྷང་།

བུ་ང་ཡི་མི་ཚེ་གང་ལྟར་ཡང་།  ཁྱེད་མེད་ན་ང་གང་ཡང་མ་ཡིན་ནོ། །

ཁྱེད་རང་གི་དཀའ་སྡུག་ཁོག་ཏུ་སྦས།  བུ་ང་ཡི་བདེ་སྡུག་སྙིང་དུ་བཅང་།

མ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ཁྱེད། ཁྱེད་མེད་ན་ང་གང་ཡང་མ་ཡིན་ནོ། །

སྙིང་ཁོང་ནས་གུས་བརྩི་ཁྱེད་ལ་ཞུ།  སེམས་ཁོང་ནས་སྨོན་ལམ་ཁྱེད་ལ་ཞུ།

བུ་ང་ལ་འཕྲད་པའི་དྲིན་ཅན་མ། མི་ཀུན་ལ་བྱུང་བའི་སྨོན་ལམ་ཞུ། །

ཁྱེད་བདེ་བའི་གཞིང་ལ་གནས་པར་ཤོག  ཁྱེད་སངས་རྒྱས་གཞིང་ལ་སྐྱེས་པར་ཤོག

ཁྱེད་རིགས་དྲུག་མཚོ་ལས་གྲོལ་བར་ཤོག  ཁྱེད་མེད་ན་ང་གང་ཡང་མ་ཡིན་ནོ། །

 

No comments:

Post a Comment